Помогите перевести "བཀྲ་ཤིས་གསུམ་འཛོམས། (tashi som zom)"

Тибетский
A A

བཀྲ་ཤིས་གསུམ་འཛོམས། (tashi som zom)

༡ སྔོ་ཐིང་ཐིང་གི་ནམ་མཁའ། །བརྗིད་ཐིག་ཐིག་གི་གངས་རི། །
 
ཡངས་ཤིག་ཤིག་གི་རྩྭ་ཐང་། །དྲི་ཞིམ་ཞིམ་གི་མེ་ཏོག །
 
ང་ཚོའི་ཕ་ས་རེད། །ང་ཚོའི་སྨོན་འདུན་རེད།
 
ཕ་ཡུལ་ཡར་དར་ཡོང་བའི་བཀྲ་ཤིས་ཤོག བཀྲ་ཤིས་ཤོག
 
༢ དགོད་འཛུམ་འཛུམ་གྱི་ཞལ་རས། །དྲང་ཤིག་ཤིག་གི་གཤིས་ཀ །
 
གྱ་འགྱུར་མེད་པའི་སྙིང་སྟོབས། །ཡ་ཡོ་མེད་པའི་ལྷག་བསམ།།
 
ང་ཚོའི་སྤུན་ཟླ་རེད། ང་ཚོའི་སྤོབས་པ་རེད།
 
སྤུན་ཟླ་མཉམ་འཛོམས་ཡོང་བའི་བཀྲ་ཤིས་ཤོག བཀྲ་ཤིས་ཤོག
 
༣ རྣ་ལ་སྙན་པའི་ཕ་སྐད། །མིག་ལ་མཛེས་པའི་མ་ཡིག།
 
སེམས་ལ་སྨན་པའི་རིག་གཞུང་།།ཀུན་ལ་ཕན་པའི་བྱམས་བརྩེ།།
 
ང་ཚོའི་ཕ་ནོར་རེད།ང་ཚོའི་འགན་འཁྲི་རེད།
 
འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག བཀྲ་ཤིས་ཤོག
 
Комментарии